当前位置: 首页 / 互动交流 / 热点回应

藏文科普丨优化农村生态环境,提高农民经济收入,从哪入手?

发布时间:2026-03-13 13:34
来源:科普西藏
访问量:
【打印文本】
分享到:

1、改善耕地质量,解决旱涝灾害问题

当前农村由于长期的不科学种植导致了耕地土壤的严重损伤,质量严重下降,随之而来的是作物生长环境恶化,不能有好的产量和质量。并且随着全球生态环境的恶化,地球的气候也在发生着变化,时常会出现旱涝灾害。针对这些生态环境的现状,首先要改良土壤,根据目前土壤状况,增施有机肥,结合土壤调理剂,调节土壤理化性质。另外,了解作物生长发育及养分需求规律,合理施用化肥农药,保护耕地土壤。针对气候变化,采取相应的保水排水措施,保证田间持水量。

2、减少生活废弃物

随着近些年农村经济的迅速发展,农民的物质生活水平提高了很多,产生的生活垃圾也随之增多,但农村处理设施不健全,导致生活垃圾废弃物污染较严重。因此需加强环保意识,了解生活垃圾分类相关知识,减少生活垃圾污染。

3、科学种植,保护生态环境、提高收入

通过科学种植技术的学习,以及采取相关的种植措施,可以提高农作物的产量和质量,进而可以增加收入,另一方面,农村近些年来也逐渐成为城市人口节假日向往的地方,优化生态环境,适时找准机会发展农村旅游产业也是提高农民收入一项非常好的措施。


1.རྨོ་ཞིང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་ཐན་ཞོད་ཀྱི་གནོད་སྐྱོན་མི་ཐོན་པ་བྱེད་དགོས།

གྲོང་གསེབ་ཏུ་དུས་ཡུན་རིང་པོའི་ནང་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ཏོག་འདེབས་འཛུགས་མ་བྱས་པར་བརྟེན་རྨོ་ཞིང་གི་ས་རྒྱུར་གནོད་སྐྱོན་ཚབས་ཆེན་ཐེབས་ནས་ལོ་ཏོག་གི་སྤུས་ཀ་ཧ་ཅང་ཞན་པོར་སོང་ཡོད། དེ་དང་ཆབས་ཅིག་ལོ་ཏོག་སྐྱེ་འཚར་གྱི་ཁོར་ཡུག་ཇེ་སྡུག་ཏུ་སོང་ནས་ལོ་ཏོག་གི་ཐོན་འབབ་དང་སྤུས་ཀ་ཆག་ཡོད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་སོང་བ་དང་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་བྱུང་ནས་ཐན་ཞོད་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། ད་ལྟའི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ལ་དམིགས་ཏེ། ཐོག་མར་ས་རྒྱུ་ལེགས་གཏོང་བྱེད་དགོས་ཤིང་། མིག་སྔའི་ས་རྒྱུའི་གནས་ཚུལ་ལ་གཞིགས་ནས་སྐྱེ་ལྡན་ལུད་སྤྱོད་མང་དུ་གཏོང་དགོས་པ་དང་ས་རྒྱུ་སྙོམ་སྒྲིག་སྨན་དང་ཟུང་འབྲེལ་བྱས་ཏེ། ས་རྒྱུའི་དངོས་ལུགས་རྫས་འགྱུར་རང་བཞིན་སྙོམ་སྒྲིག་བྱེད་དགོས། གཞན་ཡང་། ལོ་ཏོག་སྐྱེ་འཚར་དང་འཚོ་བཅུད་ཀྱི་དགོས་མཁོའི་ཆོས་ཉིད་རྟོགས་པ་བྱས་ནས་རྫས་ལུད་དང་ཞིང་སྨན་ལུགས་མཐུན་ངང་སྤྱད་དེ་རྨོ་ཞིང་གི་ས་རྒྱུ་སྲུང་སྐྱོང་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་དམིགས་ཏེ། ཆུ་སྲུང་ཆུ་འབུད་ཀྱི་བྱ་ཐབས་འོས་འཚམ་སྤྱད་ནས། ཞིང་ཁའི་བརླན་ཚད་འགན་ལེན་བྱེད་དགོས།

2.འཚོ་བའི་སྙིགས་རོ་ཉུང་དུ་གཏོང་དགོས།

ཉེ་བའི་ལོ་ཤས་རིང་གྲོང་གསེབ་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཞིང་པའི་དངོས་པོའི་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཏེ་འཚོ་བའི་གད་སྙིགས་ཀྱང་དེ་མཚུངས་ཀྱིས་མང་དུ་ཕྱིན་ཡོད་མོད། འོན་ཀྱང་གྲོང་གསེབ་ཀྱི་སྙིགས་རོ་གཙང་སེལ་སྒྲིག་ཆས་འཐུས་ཚང་མ་བྱུང་བའི་རྐྱེན་གྱིས་འཚོ་བའི་སྙིགས་རོའི་སྦགས་བཙོག་ཚབས་ཆེ་རུ་ཕྱིན་ཡོད། དེར་བརྟེན་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པའི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་བྱེད་པ། འཚོ་བའི་གད་སྙིགས་ཀྱི་སྦགས་བཙོག་ཉུང་དུ་གཏོང་བ་བཅས་བྱེད་དགོས།

3.ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཡོང་འབབ་མང་དུ་གཏོང་དགོས།

ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་པ་དང་། འབྲེལ་ཡོད་ཀྱི་འདེབས་འཛུགས་བྱེད་ཐབས་སྤྱད་ན། ཞིང་ནང་སྐྱེ་དངོས་ཀྱི་ཐོན་འབབ་མང་དུ་དང་སྤུས་ཀ་ལེགས་སུ་གཏོང་ཐུབ་ལ། ཡོང་འབབ་ཀྱང་ཇེ་མང་དུ་གཏོང་ཐུབ། ཕྱོགས་གཞན་ཞིག་ནས་ཉེ་བའི་ལོ་ཤས་རིང་དུས་ཆེན་འཆར་རིམ་བཞིན་གྲོང་ཁྱེར་གྱི་མི་ཚོགས་གྲོང་གསེབ་ལ་འགྲོ་གི་ཡོད། དེར་བརྟེན་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་དུས་བསྟུན་འཕེལ་རྒྱས་བཏང་ན། ཞིང་པའི་ཡོང་འབབ་མང་དུགཏོང་བའི་བྱ་ཐབས་ལེགས་པོ་ཞིག་རེད།

责任编辑:贡嘎

扫一扫在手机打开当前页

相关新闻