当前位置: 首页 / 互动交流 / 常见问题

藏文科普丨化肥使用“四忌”

发布时间:2026-03-13 13:36
来源:科普西藏
访问量:
【打印文本】
分享到:

1.忌单独施用

理想的施用方法是,先施有机肥(如人畜粪便、秸秆、动物残体、屠宰场废弃物、堆肥、沤肥、厥肥等)然后将尿素、过磷酸钙、氯化钾等其他肥料合理搭配使用。

2.忌与碳铵混用

尿素施入土壤后,要转化成氮才能被作物吸收,其转化速度在碱性条件下比在酸性条件下慢得多。碳铵施入土壤后呈碱性反应,ph值为8.2-8.4 碳铵和尿素混施,会使尿素转化成的速度大大减慢,容易造成快活素的流失和挥发损失。因此,尿素与碳铵不宜混用或同时施用。

3.忌在地表撒施

尿素撒施在地表,常温下要经过4~5天转化过程才能被作物吸收,大部分氮素在铵化过程中被挥发掉,利用率只有30%左右,如果在碱性土壤和有机质含量高的土壤撒施,氮素的损失会更多。所以氮素不能在地表撒施。

4.忌施尿泰后马上灌水

尿素是胺态氮肥,施后必须转化成氨态氮才能被作物吸收利用。在转化过程中,因土质、水分和温度等条件不同,时间有长有短,一般要经过2~10天才能完成,若尿素施后马上灌水或旱地在大雨前施用,尿素就会立刻流失。


1.གཅིག་པུར་རྒྱག་མི་རུང་།

ལུད་རྒྱག་ཐབས་ཡག་པོ་ནི་སྔོན་ལ་སྐྱེ་ལྡན་ལུད(དཔེར་ན་བ་ལུད་དང་། སྲོག་མ་སྐམ་པོ། སྲོག་ཆགས་ཕུང་རོ། བཤས་རའི་སྙིགས་རོ། ལུས་ཕུང་། བསྙལ་ལུད་སོགས)བརྒྱབ་རྗེས་གཅིན་རྒྱུ་དང་། ལཱིན་འདས་སྐྱུར་ཀལ། ཁིལ་ཅཱ་རྫས་སོགས་ཀྱི་རྫས་ལུད་གཞན་དག་བསྲེས་ནས་སྤྱོད་དགོས།

2.ཐཱན་ཨན་བསྲེས་མི་རུང་།

གཅིན་རྒྱུ་ཞིང་སར་བརྒྱབ་རྗེས་ཏན་ལུད་དུ་འགྱུར་ན་གཞི་ནས་ལོ་ཏོག་གིས་བསྡུ་ལེན་བྱེད་ཐུབ། དེའི་གཞན་སྒྱུར་གྱི་མྱུར་ཚད་བ་ཚྭ་ཅན་གྱི་རང་བཞིན་འོག་སྐྱུར་གཤིས་འོག་ལས་དམའ་བ་ཡོད། ཐཱན་ཨན་ཞིང་སར་བརྒྱབ་རྗེས་བ་ཚྭ་ཅན་ལ་འགྱུར་ནས་phཡི་སྟོན་གྲངས་8.2ནས་8.4བར་ཟིན་གྱི་ཡོད། ཐཱན་ཨན་དང་གཅིན་རྒྱུ་མཉམ་དུ་བསྲེས་ན་གཅིན་རྒྱུའི་འགྱུར་བའི་མྱུར་ཚད་ཧ་ཅང་དལ་དུ་འགྲོ་བས་འཚར་རྒྱུ་ཤོར་བ་དང་ཡལ་ནས་འཕྲོ་བརླག་ཏུ་འགྲོ་ཉེན་ཆེ། དེར་བརྟེན་གཅིན་རྒྱུ་དང་ཐཱན་ཨན་མཉམ་དུ་བསྲེས་པའམ་ཡང་དུས་མཉམ་དུ་རྒྱག་རྒྱུ་མེད།

3.ས་ངོས་སུ་རྒྱག་མི་རུང་།

གཅིན་རྒྱུ་ས་ངོས་སུ་བརྒྱབ་ན་རྒྱུན་གཏན་གྱི་དྲོད་ཚད་འོག་ཉིན་4ནས་5བར་གཞན་སྒྱུར་བྱས་རྗེས་གཞི་ནས་ལོ་ཏོག་གིས་བསྡུ་ལེན་ཐུབ་ཀྱི་ཡོད་པས་ན། ཏན་རྒྱུ་མང་ཆེ་བ་ཨན་འགྱུར་བྱེད་རིང་ནུས་པ་ཡལ་འགྲོ་བས་ཕན་ནུས་ཐོན་ཚད་30%ཙམ་ལས་ཟིན་གྱི་མེད། གལ་སྲིད་བ་ཚྭ་ཅན་གྱི་ཞིང་ས་དང་སྐྱེ་ལྡན་བཅུད་འདུས་ཚད་མཐོ་བའི་ཞིང་སར་བརྒྱབ་ན་གཅིན་རྒྱུའི་ནུས་པས་དེ་བས་ཆུང་དུ་འགྲོ་སྲིད། དེར་བརྟེན་ཏན་རྒྱུ་ས་ངོས་སུ་རྒྱག་རྒྱུ་མེད།

4.གཅིན་རྒྱུ་བརྒྱབ་རྗེས་འཕྲལ་མར་ཞིང་ཆུ་གཏོང་མི་རུང་།

གཅིན་རྒྱུ་ནི་ཨན་ཐའེ་ཏན་ལུད་ཡིན་པས་ལུད་བརྒྱབ་རྗེས་ངེས་པར་དུ་ཨན་ཐའེ་ཏན་དུ་འགྱུར་རྗེས་གཞི་ནས་ལོ་ཏོག་གིས་བསྡུ་ལེན་ཐུབ་ཀྱི་ཡོད། གཞན་སྒྱུར་བྱེད་རིང་ས་རྒྱུ་དང་། བཞའ་ཚན། དྲོད་ཚད་སོགས་ཀྱི་ཆ་རྐྱེན་མི་འདྲ་བ་ཡོད་ལ། དུས་ཚོད་རིང་ཐུང་ཡང་འདྲ་ཡི་མེད། སྤྱིར་ན་ཉིན་2ནས་10བར་གཞི་ནས་ལེགས་གྲུབ་ཟིན་པ་དང་། གཅིན་རྒྱུ་བརྒྱབ་རྗེས་ལམ་སེང་ཞིང་ཆུ་འདྲེན་པའམ་ཡང་ན་ཐན་ཞིང་ལ་ཆར་པ་ཆེན་པོ་མ་འབབ་གོང་ལུད་བརྒྱབ་ན་གཅིན་རྒྱུའི་ནུས་པ་ལམ་སེང་ཤོར་སྲིད།

责任编辑:贡嘎

扫一扫在手机打开当前页

相关新闻